བཅུ་ཕྲག་གསར་པའི་བགྲོ་གླེང་ནང་ལ་དལ་སྐྱོད་བྱེད་བཞིན།

ང་ཚོས་དགའ་ཚོར་ཆེན་པོའི་ཐོག་ནས་གཞུང་འགྲེལ་གྱིས་ཨེཕ་རོཌ་གླེང་སྟེགས་གསར་པ་འདི་བཞིན་འགྲེམ་སྤེལ་ཞུ་རྒྱུའི་གསལ་བསྒྲགས་བྱེད་རྒྱུ་ཡིན།: forum.f-droid.org.

ང་ཚོས་དྲྭ་རྒྱ་ལེགས་བཅོས་གཏོང་ཐབས་སུ་འབད་རྩོལ་ཆེན་པོ་བྱེད་ཀྱི་ཡོད། (https://gitlab.com/groups/fdroid/milestones/launch?title=Launch)དེ་ཡང་བེད་སྤྱོད་གཏོང་བདེ་བ་དེང་རབས་དང་མཐུན་པ། རོགས་རམ་ངོས་ལེན་བྱེད་ཐུབ་པ། རྒྱལ་སྤྱི་དང་མཐུན་པ་བཟོ་ཐབས་ལ་འབད་རྩོལ་བྱེད་ཀྱི་ཡོད། ལས་ཀ་གཙོ་བོ་ནི་རྨང་གཞིའི་འཕྲུལ་ཆས་འདི་word press ནས་Jekyll](https://jekyllrb.com/).ལ་བརྗེ་ལེན་བྱེད་རྒྱུ་དེ་རེད། འོན་ཀྱང་གླེང་སྟེགས་འདིས་WordPress ནང་བཙུགས་བེད་སྤྱོད་བྱེད་ཀྱི་ཡོད་ཙང་ང་ཚོས་བསམ་བློ་བཏང་ནས་གླེང་སྟེགས་རྙིང་པ་དེ་གཡུག་ནས་ རང་དབང་ལྡན་པའི་ཉར་གསོག་འདི་བེད་སྤྱོད་བྱེད་པ་མ་ཟད་དེང་དུས་དང་མཐུན་པའི་མཉེན་ཆས་Discourseབེད་སྤྱོད་བྱེད་ཡོད།

གླེང་སྟེགས་སྙིང་པ་དེའི་སྒང་ལ་སྐྱོན་ཆ་མང་པོ་ཡོད།:དང་པོ་དེར་ཁྱེད་རང་གིས་གློག་འཕྲིན་རྒྱུད་དེ་ཡིག་ལན་གཏོང་མི་ཐུབ། གཉིས་པ་དེར་ཨེཕ་རོཌ་དྭངས་བླངས་པ་ཚོས་དུས་ཚོད་མང་པོ་ཞིག་ཡིག་རྙོག་ཕོན་ཆེན་པོ་སུབས་ཆེད་དུ་གཏོང་དགོས་ཀྱི་ཡོད་པ་རེད། (གླེང་སྟེགས་རྙིང་པ་དེའི་སྒང་ལ་ཡིག་རྙོག་བརྒྱ་ཆ་25%ཡོད་པ་རེད།) མཐའ་མར་མཉེན་ཆས་ཀྱི་གླེང་སྟེགས་ནང་ལ་སྐྱོན་མང་དུ་མང་དུ་ལྷག་པའི་རྐྱེན་གྱིས་བེད་སྤྱོད་གཏོང་མཁན་ཁྱོན་ཡོངས་གིས་ཡག་པ་མེད་པའི་ཚོར་བ་ཤུགས་ཆེ་བྱུང་ཡོད།.

དེས་ན་གླེང་སྟགས་གསར་འདིས་ ང་ཚོས་ཨེཕ་རོཌ་ཚོགས་པའི་ནང་ལ་སླར་ཡང་འཚོ་ཤུགས་གསར་པ་འབྱིན་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཉེ་ཆར་མཉེས་ཆས་འདི་གིཊ་ལེབ་ལ་གནས་སྤོས་བྱས་པའི་སྐབས་སུ་སྔར་གྱི་སྐྱོན་ཆའི་སྙན་ཐོ་ཁག་/རེ་སྐུལ་ཞུས་པའི་ཁྱད་ཆོས་རྣམས་ད་དུང་ཡང་གིཊ་ལེབ་ནང་ཡོད། གླེང་སྟེགས་གསར་པ་འདི་ནི་ཨེན་ཀྲོཌ་དང་འབྲེལ་བའི་སྐོར་གྱི་བགྲོ་གླེང་བྱས་སའི་ཚོགས་པ་གསར་པ་ཞིག་ཆགས་ཡོད། ཨེན་ཀྲོཌ་སྤྱོད་མཁན་ཚང་མས་མཉེན་ཆས་སམ་ཡང་ན་ཞབས་ཞུ་ལག་ཆའི་སྐོར་ལ་བགྲོ་གླེང་གང་བྱས་ཀྱང་ཕན་ཚུན་ཕན་ཐོགས་བྱེད་ཐུབ་ཀྱི་ཡོད།

ད་ལྟ་གནས་སྐབས་ཀྱི་རིང་ལ་ཨེཕ་རོཌ་དངས་བླངས་ཞབས་ཞུ་བ་མི་ལྡང་བའི་རྒྱུ་མཚན་གྱིས་ཡིག་ཆ་རྣམས་གླེང་སྟེགས་རྙིང་པ་དེ་ནས་གསར་པའི་སྒང་ལ་གནས་སྤོས་བྱེད་ཐབས་མིན་འདུག་པས་ཁྱེད་རང་སོ་སོ་རང་ཉིད་ནས་དེབ་སྐྱེལ་གནང་རོགས། འདི་ལ་མ་ལྟོས་ན་བརྗོད་གཞི་རྙིང་པ་ཚང་མ་ད་ལྟ་ཡོད་བཞིན་པའི་URL སྒང་ལ་གནས་ཀྱི་ཡོད།

ཡིད་མགུ་ནུས་པའི་ཁྱད་ཆོས་གཅིག་ནི་སྤྱི་ཚོགས་བསྟི་གནས་་སྤྱི་ཚོགས་འདི་ཚོའི་ནང་ལ་ཨེཕ་རོཌ་དང་ཨེན་ཀྲོཌ་སྒང་ལ་ཡོད་པའི་རིན་མེད་མཉེན་ཆས་ཀྱི་སྐོར་གྱི་བརྗོད་གཞི་རྣམས་རང་རང་སོ་སོའི་མ་སྐད་ཐོག་ནས་བགྲོ་གླེང་བྱེད་ཐུབ་ཀྱི་ཡོད། ད་ལྟའི་ཆ་ལ་སྔོན་ཚོད་ནས ཇར་མན་སྡེ་ཚན་ཡོད།

གལ་སྲིད་ཁྱེད་རང་གིས་རང་སོ་སོའི་སྤྱི་ཚོགས་བསྟི་གནས་བཟོ་འདོད་ཡོད་ན། བརྗོད་གཞི་ཞེས་པ་ནང་དུ་ཁ་ཕྱེས་རོགས་གནང “སྐད་རིགས་གཞན་” སྡེ་ཚནདེ་ནས་ང་ཚོས་འདིའི་ནང་ལ་གནད་དོན་ཚང་མ་བགྲོ་གླེང་བྱེད་ཆོག

མཐའ་དོན་ལ། ད་ལྟ་ཡར་རྒྱས་གོང་སྤེལ་གཏོང་བཞིན་པའི་ཨེཕ་རོཌ་ནང་གྱི་ཤེས་བྱ་མཐའ་མ་དེ་ལ་:ང་ཚོས་གླེང་མོལ་གྱི་ལམ་ནས་[དྲྭ་རྒྱ་ལ་མཆན་]རྒྱབ་ཐུབ་པའི་འཆར་གཞི་ཡོད། (https://gitlab.com/fdroid/fdroid-website/issues/36) འདིས་ང་ཚོ་[མཉེས་ཆས་གཅིག་ལ་མཆན་རྒྱབ་ཐུབ་པར་།]ཐག་ཉེ་རུ་བཏང་གི་ཡོད། (https://gitlab.com/fdroid/fdroidclient/issues/646).

ཕྱི་ལོ་ ༢༠༡༧ ལོར་ཨེཕ་རོཌ་ནང་ཡར་རྒྱས་གོང་སྤེལ་གསར་པ་བཏང་ཡོད་པ་དེ་ལ་ཐུགས་སྣང་ངེས་པར་དུ་གནང་རོགས། ང་ཚོའི་ངོས་ནས་ཀྱང་ཁྱེད་རྣམ་པས་གླེང་སྟེགས་གསར་པ་དེར་དགའ་མོས་བྱུང་མིན་ཤེས་འདོད་འདུག