UX གསར་པ་འདི་ལོ་དྲུག་གི་རིང་ལ་བཟོས་བཞིན་ཡོད།

ཨེཕ་རོཌ་དེ་བཞིན་ཨེན་ཀྲོཌ་དཀྱིལ་འཁོར་ནང་གི་ཆ་ཤས་སུ་གནས་ནས་ལོ་ ༦ ལྷག་ཙམ་འགྲོ་གི་ཡོད། དུས་དེ་ནས་མཛོད་ཁང་ཨ་མའི་ནང་ལ་མཉེན་ཆས་ ༢༠༠༠ ལྷག་བཟོས་ཐུབ་པ་བྱུང་ཡོད། ངོ་མཚར་ཅན་གྱི་ཁྱད་ཆོས་དུ་མ་ཞིག་ཁ་སྣོན་བྱས་ཡོད། མཉེས་ཆས་དེ་བཞིན་སྐད་རིགས་ཁག་མི་འདྲ་བ་ ༤༠ ལྷག་ནང་བསྒྱུར་ཡོད།

ཡིན་ནའང་། ཨེཕ་རོཌ་UX [ཐོག་མིའི་དྲྭ་ཤོག་གསུམ་སྟོན་པའི་]ཆ་ལ་འགྱུར་བ་དེ་ཙམ་ཕྱིན་མེད། (https://f-droid.org/posts/f-droid-repository-alpha/):

  • ཐོན་རིམ་ 0.11
  • ཐོན་རིམ་0.102

འགྱུར་བ་འདི་ཨེཕ་རོཌ་མཉེན་ཆས་v0.103 འགྲེལ་སྤེལ་བྱས་པ་ནས་ཐོན་ཐུབ།

ཟླ་བ ༦ ཙམ་གྱི་རིང་ལ་ཨེཕ་རོཌ་རུ་ཁག་རྣམས་འབྲེལ་ཚུབ་ཀྱི་ངང་ནས་དེང་དུས་ཀྱི་UX སྐྱར་དུ་བཟོ་བཀོད་བྱས་ཏེ་ད་ལྟའི་ཨེཕ་རོཌ་གསར་པ་དེ་སྟོན་ཐུབ་པ་ལ་ཕན་ཐོགས་བྱས་ཡོད། འདིའི་ནང་དུ་ཡོད་པའི་རྣམ་གྲངས་ཆེ་ཁག་ནི།:

  • དྲྭ་ཤེལ་པར་ལེན་དང་བརྐོས་རིས་ཀྱི་ཁྱད་ཆོས་རྣམས།
  • མང་པོ་ཕབ་ལེན་དང་འགྲིག་བཅུག
  • དྲྭ་ཐོག་ཏུ་མེད་པ། “རིམ་པ་བཞིན་དུ་ཕབ་ལེན།”
  • མཉེས་ཆས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་བསྒྱུར་ཐུབ་པའི་ནུས་པ།
  • ཕབ་ལེན་དང་གསར་བསྒྱུར་འགག་བཞིན་པ་རྣམས་ཀྱི་བརྡ་ལན་སྤྲོད་ཐབས་ཡར་རྒྱས་བཏང་ཡོད།
  • "གསར་ཤོས" དྲྭ་ཤེལ་
  • "སྡེ་ཚན་ཁག་" དྲྭ་ཤེལ་
  • "ཉེ་འགྲམ་" དྲྭ་ཤེལ་
  • "གསར་བསྒྱུར་" དྲྭ་ཤེལ་
  • མཉེས་ཆས་ཞིབ་ཚགས་སྐོར་གྱི་དྲྭ་ཤེལ་ (དྲྭ་ཤེལ་པར་ལེན་དང་མཉམ་དུ)
  • མཉེས་ཆས་ཞིབ་ཚགས་སྐོར་གྱི་དྲྭ་ཤེལ་ (དྲྭ་ཤེལ་པར་ལེན་མེད་པ་)

འདི་དང་མཉམ་དུ་ང་ཚོས་མཉེས་ཆས་ནང་གི་མ་ལག་ཆུང་བ་རྣམས་ལ་སྐྱར་དུ་བཟོ་བཀོད་བྱེད་ཀྱི་ཡོད། འདི་ཡང་གནད་དོན་གཞན་དང་གཅིག་མཚུངས་ཀྱི་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་མིག་ལོང་བ་ཚོས་སྒྲ་ཐོག་ཉན་ཆས་བེད་སྤྱོད་ཐུབ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེས་མ་ཟད་ཕྱི་གསལ་ནང་གསལ་གྱི་ཨང་རྟགས་མཉེན་ཆས་བཟོ་མཁན་ཚོར་ཞལ་འདེབས་གང་མང་ཐོབ་པའི་ཆེད་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

བཟོ་བཀོད་དེའི་ནང་ལ་UX བཟོ་བཀོད་མཁན་དང་ཚོགས་སྡེ་རྣམས་ཀྱིས་མཐུན་རྐྱེན་ཤུགས་ཆེན་སྦྱར་ཡོད། བཟོ་བཀོད་ཀྱི་རྒྱུད་རིམ་གྱི་ནང་ལ་སྤྱོད་མཁན་ཚོར་བཟོ་བཀོད་དེའི་ཚོད་ལྟ་བྱས་ཡོད་པ་མ་ཟས་ད་ལྟའི་ཆར་དངོས་སུ་མང་ཚོགས་ཀྱི་ཁྲོད་ལ་ཚོད་ལྟ་བྱེད་བཞིན་ཡོད་ལ་དེ་ལ་བརྟེན་ནས་ཕྲད་བཞིན་པའི་དཀའ་ངལ་རྣམས་ངོས་འཛིན་ཐུབ་པ་བྱུང་ནས་སེལ་ཐུབ་པ་བྱུང་ཡོད།

ཡོང་འགྱུར་གྱི་བདུན་ཕྲག་འདིའི་ནང་ལ་ v0.103 ཐོན་དང་པོ་དེ་ཁྱེད་རྣམས་ཀྱི་སྤྱན་ལམ་ལ་འགྲེམ་སྤེལ་ཞུ་གི་ཡོད། ཁྱེད་རྣམས་ཀྱིས་ཨེཕ་རོཌ་མཉེན་ཆས་དེ་གོང་འཕེལ་གཏོང་ཐབས་སུ་དགོངས་འཆར་གང་མང་གནང་བའི་རེ་སྐུལ་ཞུ་གི་ཡོད།

ཨེཕ་རོཌ་དཀྱིལ་འཁོར་རྒྱ་ཆེ་ས་ནས་ཡར་རྒྱས་གོང་སྤེལ་གཏོང་བའི་ཐབས་ལམ་དེ་ཕྱི་ལོ་ ༢༠༡༧ ནང་ལ་བྱུང་བ་ཞིག་ཡིན། འབྱུང་འགྱུར་དེ་ལས་མང་པ་དོ་སྣང་གནང་རོགས།!