ཡིག་ཆ་ཁག

ཨེཕ་རོཌ་ནི་ཁུངས་སྐྱེལ་ཐུབ་པའི་རིན་མེད་ཨེན་ཀྲོཌ་མཉེས་ཆས་མཛོད་ཁང་དང་”མཉེན་ཆས་གསོག་ཉར་གྱི་ཡོ་བྱད་”གཉིས་ཀ་ཡིན། དེས་མཉེནཆས་གསོག་ཉར་སྒྲིག་བཀོད་དང་འཁོར་སྐྱོད་ཆེད་དུ་དགོས་མཁོ་ཡོད་པའི་ལག་ཆ་རྣམས་སྟེར་གྱི་ཡོད་།་འདི་ནི་རིན་མེད་ཀྱི་ཐོག་ནས་སྤྱི་ཚོགས་ཀྱིས་བེད་སྤྱོད་བྱས་པའི་ལས་འཆར་ཞིག་ཡིན་ལ་གཞི་རྒྱ་ཆེ་བའི་མཉམ་ཞུགས་པ་རྣམས་ཀྱིས་གོང་འཕེལ་དུ་བཏང་བ་ཞིག་རེད། དེའི་ནང་བཟོས་པ་ཡོངས་རྫོགས་ཚུད་པ་དང་། མཉེན་ཆས་ཀྱི་འབྱུང་ཁུངས་ཨང་རྟགས་ཀྱི་རྒྱུད་རིམ་སྟངས་འཛིན་བྱེད་པའི་ཆེད་དུ་ལག་ཆ་རྣས་འགྲེམ་སྤེལ་བྱེད་ཀྱི་ཡོད།

ཨེཕ་རོཌ་ཞབས་ཞུ་འཕྲུལ་ཆས་མ་ལག་གིས་ཡིག་རིགས་འདྲ་མིན་སྣ་ཚོགས་དང་། ཨེཕ་རོཌ་མཛོད་ཁང་ཨ་མ་དེ་རྒྱུན་སྐྱོང་བྱེད་པའི་ཆེད་དུ་བེད་སྤྱོད་བྱས་རྒྱུའི་མ་ལག་རྣམས་མཁོ་སྤྲོད་བྱེད་ཀྱི་ཡོད། ཁྱེད་རང་གིས་མ་ལག་དེ་ག་རང་བེད་སྤྱོད་བྱས་ཏེ་སོ་སོ་རང་ཉིད་ཀྱི་པར་སྐྲུན་ཆེད་དུ་མཛོད་ཁང་འཕར་མ་དང་གཞན་དག་བཟོས་ཐུབ་པ་དང་། ཡང་ན་མཛོད་ཁང་ཨ་མའི་ནང་དུ་རྒྱབ་ལྗོངས་ཡིག་ཆ་བཟོས་པ་དང་། ཚོད་ལྟ་བྱས་པ། འབུལ་ལམ་ཞུས་པ་སོགས་ལ་རོགས་པའང་བྱེད་ཐུབ།

འགོ་བཙུགས་གྲབས་ཡོད།

  • FAQ - སྤྱིར་བཏང་ ཨེཕ་རོཌ་སྐོར་ལ་ཡང་སེ་སྐུལ་བའི་དྲི་བ་ཁག
  • FAQ - མཉེན་ཆས་ ཨེན་ཀྲོཌ་ནང་ལ་ཨེཕ་རོཌ་གང་འདྲ་བེད་སྤྱོད་གཏོང་མིན་སྐོར་ལ་ཡང་སེ་སྐུལ་བའི་དྲི་བ་ཁག
  • ཁྱད་ཆོས་འགལ་ཟླ་ དེ་ཚོ་གང་ཡིན་ནམ། དེའི་དོན་དག་གང་རེད། དེ་ཚོར་མཉེན་ཆས་གང་ཡོད་དམ།

གནས་ཚུལ་འཕར་མ།

བཟོ་མཁན།